rKTs


J87

(e-text produced by ADARSHA)




52.1b
༄##། ་་།རྒྱ་གར་སྐད་དུ། ཨཱརྱ་ཨ་བི་ཀལྤ་པྲ་བེ་ཤ་ནཱ་མ་དྷཱ་ར་ཎཱི། ་བོད་སྐད་དུ། ་འཕགས་པ་རྣམ་པར་མི་རྟོག་པར་འཇུག་པ་ཞེས་བྱ་བའི་གཟུངས། ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། ཁམས་གསུམ་པ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་རྣམ་པར་མི་རྟོག་པའི་ཆོས་ཀྱི་དབྱིངས་ཀྱི་སྙིང་པོའི་ཁང་བཟངས་ན་དགེ་སློང་གི་དགེ་འདུན་ཆེན་པོ་དང ། བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་མི་རྟོག་པ་དང ། རྣམ་པར་མི་རྟོག་སྣང་བ་དང ། རྣམ་པར་མི་རྟོག་ཟླ་བ་དང ། རྣམ་པར་རྟོག་མེད་དཔའ་བོ་དང ། ་རྣམ་པར་རྟོག་མེད་ཆོས་སྟོན་མཁས་པ་དང ། རྣམ་པར་རྟོག་མེད་ངོ་བོ་ཉིད་དང ། རྣམ་པར་རྟོག་མེད་བློ་གྲོས་དང ། རྣམ